༺ ལོ་རྟ་ལྟེ་གནས་སློབ་ཆུང་གི་དྲ་བར་ཕེབས་པར་དགའ་བསུ་ཞུ ༻ དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 22 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།   
སྣ་འཛོམས།
གསར་འགྱུར།
སློབ་གསོ།
རྩོམ་རིགས།
   གཙོ་ངོས།» སྣ་འཛོམས།» མི་སྣ་ངོ་སྤྲོད། »དོན་འགྲུབ་རྒྱལ།
མི་སྣ་ངོ་སྤྲོད།

  བོད་ཀྱི་རྩིས་འཁོར་ཆེད་མཁས་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱི་ངོ་སྤྲོད་མདོ་བསྡུས།
  སློབ་གསོའི་ཆེད་མཁའི་དཔལ་ལྡན་ཉི་མ།
  གཉའ་ཟླ་བ་བློ་གྲོས་རྒྱལ་མཚན།
  སྨན་བླ་སྐྱབས།
  དུང་དཀར་བློ་བཟང་འཕྲིན་ལས་མཆོག
  པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན།
  དོར་ཞི་རིན་པོ་ཆེ།
  དོན་འགྲུབ་རྒྱལ།
  དགེ་འདུན་ཆོས་འཕེལ།
  དམུ་དགེ་བསམ་གཏན།

སྣ་འཛོམས།
སྙན་འཇེབས་དབྱངས་ཀྱི་འགྱུར་ཁུགས།
མེ་ཏོག་སེར་ཆེན།
རྩོམ་རིག་དགའ་ཚལ།
སློབ་རའི་གསར་འགྱུར།
སློབ་ཁྲིད་རྒྱུ་ཆ།
སློབ་གསོའི་གླེང་སྟེགས།
བྱིས་པའི་འཇུག་ངོགས།
བརྩམས་ཆོས་གསར་བ།
  ༢༠༡༢༡༠༡༥པར་ངོས་ཁ
  ༢༠༡༢༡༠༡༥པར་ངོས་ཀ
  ༢༠༡༢༠༩༡༥པར་ངོས་ཁ
  ༢༠༡༢༠༩༡༥པར་ངོས་ཀ
  ༢༠༡༢༠༦༡༥པར་ངོས་ཁ
  ༢༠༡༢༠༦༡༥པར་ངོས་ཀ
  ནམ་མཁའི་སྐར་མ།
  ཐུན་སྒྲིལ་གྱི་རང་སྒྲ།
  གསོན་ཉམས་ལྡན་པའི་ཕ་ཡུལ།
  རྨི་ལམ་ནང་གི་ཡུམ་ཆེན།
  དྲིན་ཆེན་མ་ལོ༼གླུ་ཚིག༽
  བློ་གྲོས་ཀྱིས་བཏུལ་བ།
  རི་བོང་ཅལ་འདྲོགས།
  རུས་སྦལ་ས་ལ་ལྷུང་བ།
དོན་འགྲུབ་རྒྱལ།
རྩོམ་སྒྲིག་པ།  ཕུན་ཚོགས།  སྤེལ་དུས།  2013-10-14 བལྟ་ཀློག (371)

 དཔལ་དོན་འགྲུབ་རྒྱལ་གྱི་ལོ་རྒྱུས་རགས་བསྡུས།

དོན་གྲུབ་རྒྱལ་ནི་༡༩༥༣ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ གཅན་ཚ་རྫོང་དགུ་རོང་སྡེ་བར་འཁྲུངས། ༡༩༦༡ལོར་དོན་གྲུབ་རྒྱལ་ལོ་བརྒྱད་ལ་ སླེབས་ཤིང་། ཕ་ཡུལ་གྱི་སློབ་ཆུང་དུ་ཞུགས་ནས་སློབ་སྦྱོང་བྱེད་པའི་མགོ་བརྩམས། ༡༩༦༤ལོར་རྨ་ ལྷོ་ཁུལ་དགེ་འོས་སློབ་གྲྭར་ཞུགས་ཤིང་སློབ་མཐར་ཕྱིན་ཏེ། མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སུ་ལས་ཀར་ཞུགས། ༡༩༧༡ལོར་ཀྲུང་དབྱངས་མི་རིགས་སློབ་གླིང་སྐད་ཡིག་རྩོམ་རིག་ཚན་ཁག་གི་བོད་ རྒྱའི་ཡིག་བསྒྱུར་ཆེད་ལས་སུ་ཞུགས་ཏེ་སློབ་སྦྱོང་བྱས་ཤིང་། ༡༩༧༥ལོར་སློབ་མཐར་ཕྱིན་ནས་ཕྱིར་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ ཁུངས་ལ་ལོག་སྟེ་ཕྱག་ལས་གནང་། ༡༩༧༨ལོར་ཀྲུང་དབྱངས་མི་རིགས་སློབ་གླིང་བོད་ ཀྱི་རྩོམ་རིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མར་རྒྱུགས་སྤྲད་ནས་འཕྲོད་ཅིང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་སོགས་དགེ་རྒན་དུ་བསྟེན་ནས་བོད་ཀྱི་རིག་ གཞུང་སྤྱི་དང་ཁྱད་པར་དུ་གནའ་རབས་བོད་ཀྱི་རྩོམ་རིག་ལ་སྦྱངས་བརྩོན་མཛད། ཁོང་ གི་སྦྱངས་འབྲས་ལེགས་ཤིང་རྣམ་དཔྱོད་ཕུལ་དུ་བྱུང་བར་མཁས་དབང་དུང་དཀར་བློ་བཟང་ འཕྲིན་ལས་མཆོག་གིས་ཀྱང་བསྟོད་བསྔགས་དང་གཙིགས་ཆེན་མཛད་ལ། ༡༩༨༡ལོར་  《  བོད་ཀྱི་ མགུར་གླུའི་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས་རིག་པའི་ཁྱེའུ་རྣམ་པར་རྩེན་ པའི་སྐྱེད་ཚལ་  》ཞེས་པའི་དཔྱད་རྩོམ་བྲིས་ནས་ཧྲོ་ཧྲིའི་མིང་བཏགས་བླངས་ཤིང་ སློབ་གྲྭ་དེར་དགེ་རྒན་གྱི་ཕྱག་ལས་གནང་། ༡༩༨༣ལོར་མཚོ་སྔོན་ཞིང་ཆེན་ཆབ་ཆ་གྲོང་རྡལ་དུ་ཡོད་པའི་མཚོ་ལྷོ་ཁུལ་མི་རིགས་ དགེ་འོས་སློབ་གྲྭར་ཕེབས་ནས་དགེ་རྒན་གྱི་ལས་ཀ་མཛད།   ༡༩༨༥ལོའི་ཟླ་༡༡པའི་ཚེས་ ༢༩ཉིན་རྩོམ་རིག་གསར་རྩོམ་དང་རིག་གཞུང་ཞིབ་འཇུག་མཁས་དབང་འདི་ཉིད་མཚོ་སྔོན་ ཞིང་ཆེན་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་རྡལ་དུ་དགུང་ལོ་སོ་གཉིས་སྟེང་སྐུ་གཤེགས།  ཉིན་དེར་ཁོང་གིས་ཡུན་རིང་རེ་སྒུག་བྱས་པའི་ཞན་ཡང་བོད་ལྗོངས་མི་རིགས་སློབ་ གླིང་གི་ལས་གནས་སྤོར་བའི་གྲོས་ཡིག་འབྱོར་མོད་ཧ་ཅང་ཕངས་བའི་གནས་སུ་གྱུར།

  དོན་གྲུབ་རྒྱལ་མཆོག་ནི་དེང་རབས་བོད་ཀྱི་རྩོམ་རིག་གི་མཁའ་དབྱིངས་སུ་རྟག་ ཏུ་འཚེར་བའི་སྐར་མ་འོད་ཆེན་ཞིག་ཡིན་ཞིང་། ཁོང་གི་མི་ཚེའི་བརྒྱུད་རིམ་དང་ བློ་གྲོས་ཀྱི་རྩལ་ནི་ཧ་ཅང་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ། དེ་བཞིན་དུ་ཁོང་གི་རྩོམ་རིག་བརྩམས་ཆོས་ལའང་གསར་གཏོད་ཀྱི་རང་བཞིན་དང་ཐུན་ མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས། རིག་གཞུང་ཞིབ་འཇུག་ཐད་གྲུབ་འབྲས་མངོན་གསལ་ བླངས་ཤིང་། བོད་ཀྱི་དེང་རབས་རྩོམ་རིག་གི་གར་སྟེགས་སྟེང་གསར་རྩོམ་གྱི་གར་ སྟབས་ཐུན་མོང་མ་ཡིན་པ་ཞིག་བསྒྱུར་བ་དང་། ཁོང་གི་ཤིན་ཏུ་ཐུང་བའི་མི་ཚེའི་ ཤོག་བྱང་ངོས་སུ་ཕུལ་དུ་བྱུང་བའི་རྩོམ་རིག་གི་གྲུབ་འབྲས་བླ་མེད་བསྐྲུན་པ་ རེད།

བོད་སྐད་འཕྲིན་ལམ་ལས་བཤུས།


རྩོམ་སྒྲིག་པ།  ཕུན་ཚོགས།  སྤེལ་དུས།  2013-10-14 བལྟ་ཀློག (371)
དྲ་ངོས་བལྟ་ཀློག་གྲངས་ཀ
204959
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  0837-2495330 13548388131 QQ:136754599    Emial:pengcuo2001@yahoo.com.cn 136754599@QQ.com
འདི་གའི་པར་དབང་ངེད་ལོ་རྟ་ལྟེ་གནས་སློབ་ཆུང་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13018962号