༺ ལོ་རྟ་ལྟེ་གནས་སློབ་ཆུང་གི་དྲ་བར་ཕེབས་པར་དགའ་བསུ་ཞུ ༻ དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 21 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།   
སྣ་འཛོམས།
གསར་འགྱུར།
སློབ་གསོ།
རྩོམ་རིགས།
   གཙོ་ངོས།» སྣ་འཛོམས།» མི་སྣ་ངོ་སྤྲོད། »བོད་ཀྱི་རྩིས་འཁོར་ཆེད་མཁས་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱི་ངོ་སྤྲ
མི་སྣ་ངོ་སྤྲོད།

  བོད་ཀྱི་རྩིས་འཁོར་ཆེད་མཁས་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱི་ངོ་སྤྲོད་མདོ་བསྡུས།
  སློབ་གསོའི་ཆེད་མཁའི་དཔལ་ལྡན་ཉི་མ།
  གཉའ་ཟླ་བ་བློ་གྲོས་རྒྱལ་མཚན།
  སྨན་བླ་སྐྱབས།
  དུང་དཀར་བློ་བཟང་འཕྲིན་ལས་མཆོག
  པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན།
  དོར་ཞི་རིན་པོ་ཆེ།
  དོན་འགྲུབ་རྒྱལ།
  དགེ་འདུན་ཆོས་འཕེལ།
  དམུ་དགེ་བསམ་གཏན།

སྣ་འཛོམས།
སྙན་འཇེབས་དབྱངས་ཀྱི་འགྱུར་ཁུགས།
མེ་ཏོག་སེར་ཆེན།
རྩོམ་རིག་དགའ་ཚལ།
སློབ་རའི་གསར་འགྱུར།
སློབ་ཁྲིད་རྒྱུ་ཆ།
སློབ་གསོའི་གླེང་སྟེགས།
བྱིས་པའི་འཇུག་ངོགས།
བརྩམས་ཆོས་གསར་བ།
  ༢༠༡༢༡༠༡༥པར་ངོས་ཁ
  ༢༠༡༢༡༠༡༥པར་ངོས་ཀ
  ༢༠༡༢༠༩༡༥པར་ངོས་ཁ
  ༢༠༡༢༠༩༡༥པར་ངོས་ཀ
  ༢༠༡༢༠༦༡༥པར་ངོས་ཁ
  ༢༠༡༢༠༦༡༥པར་ངོས་ཀ
  ནམ་མཁའི་སྐར་མ།
  ཐུན་སྒྲིལ་གྱི་རང་སྒྲ།
  གསོན་ཉམས་ལྡན་པའི་ཕ་ཡུལ།
  རྨི་ལམ་ནང་གི་ཡུམ་ཆེན།
  དྲིན་ཆེན་མ་ལོ༼གླུ་ཚིག༽
  བློ་གྲོས་ཀྱིས་བཏུལ་བ།
  རི་བོང་ཅལ་འདྲོགས།
  རུས་སྦལ་ས་ལ་ལྷུང་བ།
བོད་ཀྱི་རྩིས་འཁོར་ཆེད་མཁས་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱི་ངོ་སྤྲོད་མདོ་བསྡུས།
རྩོམ་སྒྲིག་པ།  ཕུན་ཚོགས།  སྤེལ་དུས།  2013-11-02 བལྟ་ཀློག (314)

 བློ་བཟང་སྨོན་ལམ་ནི་སྤྱི་ལོ་༡༩༧༦ལོར་བོད་མདོ་སྨད་རྔ་བ་རྫོང་སྤྲོ་ཚིགས་སྡེ་བའི་ཞིང་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས།ཕ་བཀྲ་རྒྱལ་དང་མ་རྫོགས་གར་སྐྱིད་༼རྫོག་གོ༽གཉིས་ཀྱི་བུ་ལྔ་བ་དེ་ཡིན།ཁོང་ཉིད་ལོ་ན་བདུན་ལ་སོན་ཚེ་སྡེ་བའི་བྱིས་པ་གཞན་དང་འདྲ་བར་དཔེ་ཁུག་ལེབ་མོ་རྒྱབ་ཏུ་ཁུར་ནས་སྤྲོ་ཚིགས་ཡུལ་ཚོའི་སློབ་ཆུང་འགྲིམ་འགོ་བརྩམས།ལོ་དྲུག་གི་རྗེས་ནས་སློབ་མཐར་ཕྱིན་ལ་སྐབས་དེའི་འགྲོ་ཕྱོགས་ལྟར་ཁྱིམ་ལས་ཙག་ཙིག་ལས་ཞོར་དགོན་པའི་ཆོས་སྤྱོད་དགེ་རྒན་ཤེས་རབ་ཚང་གི་དྲུང་ནས་རྒྱུན་སྤྱོད་ཆོས་སྤྱོད་སྣ་ཚོགས་དང་རྒྱུད་སྡེ་བཞི་སོགས་ལ་སློབ་གཉེར་བཟང་བོ་བྱས།ཞོར་དུ་རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན་ཆེན་མོ་ཨ་ཁུ་བློ་གསལ་ཚང་གི་དྲུང་ནས་སུམ་རྟགས་དག་གསུམ་སྟེ་ཐུན་མོང་རིག་གནས་ལ་སྦྱང་བ་མཐར་ཕྱིན་བྱས།ད་དུང་ཞོར་དུ་བོད་རྒྱུད་ཐང་ཀའི་སྒྱུ་རྩལ་ལའང་སྦྱང་བ་ལྷོད་མེད་བྱས་པས་ལྷ་བཟོ་ལེགས་ཤོས་སུ་གྱུར། དེ་ཡང་སྤྱི་ལོ་༡༩༩༣ལོའི་དཔྱིད་ཟླ་ར་བར་འགྱུར་བ་མེད་པའི་དམིགས་འདུན་ཟབ་མོ་ཞིག་གི་ཆེད་དུ་རྒྱང་ལམ་འགྲིམ་འགོ་བརྩམས།འཕགས་ཡུལ་དུ་འབྱོར་རྗེས་མུ་འཐུད་རི་མོའི་སྒྱུ་རྩལ་ལ་སྦྱང་བ་ཟབ་མོ་བྱས༼དེང་རབས་རི་མོའི་སྒྱུ་རྩལ༽ལ།ལྷག་དོན་སེར་ར་ཐེགས་ཆེན་གླིང་དུ་གྲ་སར་ཞུགས་ཏེ་གཞུང་པོད་ལྔ་ལ་སློབ་གཉེར་མི་དམན་པ་བྱས།ཞོར་དུ་རྩིས་འཁོར་གྱི་ཕྱོགས་ལའང་རང་སྦྱོང་བྱེད་འགོ་ཚུགས།སྐབས་དེར་ཁོང་གིས་རྩིས་འཁོར་ཕྱོགས་ཀྱི་ཤེས་བྱ་ཅི་ཡང་མི་རྟོགས་ལ་ཆེས་རྨང་གཞིའི་ཤེས་བྱ་སྟེ་རྩིས་འཁོར་ཁ་ཕྱེ་བ་དང་རྒྱག་པ་ཙམ་ཡང་མི་ངེས་མོད།འོན་ཀྱང་མེ་རི་འགད་གཏོར་བྱུང་བ་ལྟ་བུའི་ཉིད་ཀྱི་རིག་པའི་ཀློང་བརྡོལ་ཏེ་སྔ་གཞུག་ཏུ་རྒྱལ་སྤྱིའི་ཨང་སྒྲིག་དང་མཐུན་པའི་སྨོན་ལམ་ཡིག་གཟུགས་༼དབུ་མེད་ཡིག་གཟུགས་ཐོག་མ་དེ་ཡིན་འདུག༽མཉེན་ཆས་ཐོན་རིམ་དང་པོ་ནས་གསུམ་པའི་བར་དང་སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས།སྨོན་ལམ་ཚིག་མཛོད་ཐོན་རིམ་༡དང་༡-༡བཅས་གསར་བཏོད་གནང་ཞིང་རིན་མེད་དུ་བཀྲམ།དེ་དག་རྩིས་འཁོར་མ་ལག་windowsདང་macསོགས་སུ་ལེགས་པོར་སྤྱོད་ཐུབ།མ་ཟད་ཀུ་ཤུ་ཀུང་སུ་དང་མཉམ་འབྲེལ་དགོས་སྒོས་ཁ་པར་དང་གློག་ཀླད།ངོས་འབྲེལ་གློག་ཀླད་སོགས་སུ་བོད་ཡིག་ནང་འཇུག་བྱས་པས་བོད་ཀྱི་ཡི་གེ་དེ་བརྡ་འཕྲིན་དུས་རབས་ཁྲོད་བརྟན་པོར་གནས་ཐུབ་པར་བྱས་རྗེས་རླབས་པོ་བཞག་དང་འཇོག་བཞིན་མཆིས།ད་ལྟ་འཕགས་ཡུལ་དུ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ཞེས་པ་ཞིག་བཙུགས་ནས་བོད་ཀྱི་སྐད་ཡིག་དང་རིག་གནས་སོགས་བརྡ་འཕྲིན་དུས་རབས་འདིའི་ཁྲོད་མི་ཉམ་གཏན་དུ་གནས་པར་འབད་པ་བྱེད་བཞིན་འདུག

 


 


 



རྩོམ་སྒྲིག་པ།  ཕུན་ཚོགས།  སྤེལ་དུས།  2013-11-02 བལྟ་ཀློག (314)
དྲ་ངོས་བལྟ་ཀློག་གྲངས་ཀ
201339
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  0837-2495330 13548388131 QQ:136754599    Emial:pengcuo2001@yahoo.com.cn 136754599@QQ.com
འདི་གའི་པར་དབང་ངེད་ལོ་རྟ་ལྟེ་གནས་སློབ་ཆུང་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13018962号